སྟག་མོ་ལྟོགས་པའི་ཟུག་གིས་མནར་བའི་བའི་ཚེ།། 持明 仁增塔欽 20210906



སྟག་མོ་ལྟོགས་པའི་ཟུག་གིས་མནར་བའི་བའི་ཚེ།།

རྒྱལ་སྲས་ལང་ཚོའི་འཇམ་ཤ་གཉེན་པོ་ལ།།

རབ་ཏུ་མཁྲེགས་པོའི་ཤིང་གིས་འབིགས་མཛད་དེ།།

སྐུ་ལུས་སྦྱིན་པ་གཏོང་བའི་རྣམ་ཐར་དྲན།།


མཁའ་བཞིན་མཁའ་ཁྱབ་ཡེ་ཤེས་སྒྱུ་མའི་འཕྲུལ།།

སྟོན་པ་མཚུངས་མེད་ཤཀྱཱ་སེང་གེ་ཉིད།།

ལུས་ཅན་ཀུན་གྱི་སྙིང་ལ་རྟག་བཞུགས་ནས།།

སྲིད་པ་ཉིང་འཁྲུལ་འདྲེན་པའི་དཔལ་ལ་བྱོན།།


ལུས་ལ་བདག་ཞེན་ལས་ལ་རེ་དོག་གིས།།

ཡོངས་སུ་འཆིང་བའི་བདེ་སྡུག་རང་མཚན་པས།།

གཟིར་བའི་འགྲོ་བ་ཉམས་ཆུང་གཏི་མུག་ཅན།།

གནས་སྐབས་སྲོག་ཐར་མཐར་ཐུག་སངས་རྒྱས་སྨོན།།


持明 仁增塔欽 20210906


留言

這個網誌中的熱門文章

《入雄心菩薩行論》對治嫉妒的方法即是隨喜

《入雄心菩薩行論》第五品 護正知 謹慎守護心-未護心過患(下)

《心幻晴淨》格薩爾王祈請文 仁增塔欽意顯文 / 持明仁增塔欽